觉囊新闻
时轮金刚语加持(藏文版)

༄༅།། དུས་འཁོར་དང་འབྲེལ་བའི་ངག་བྱིན་བརླབ་དང་འགྱུར་སྔགས།

༄༅།།་ངག་བྱིན་བརླབ་ནི། སྤྱིར་ཡི་དམ་གྱི་ལྷ་སྔགས་དང་། དབྱངས་གསལ། དུས་འཁོར་ལྷར་ཁ་དག་པའི་སྔགས། རྟེན་སྙིང་སྔགས་རྣམས་རིམ་པར་བརྗོད་དགོས་པ་ནི།དང་པོར་ཁ་ལ་སོགས་པ་དག་པའི་དོན་དུ་བདུད་རྩིའི་རིལ་བུ་ཁར་བཅུག་ནས་འདི་ལྷར་བརྗོད་པར་བྱ་སྟེ།
ཨོཾ་ཧ་ཀྵ་མ་ལ་ཝ་ར་ཡྃ་སྭཱཧཱ། ཨྃ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱེེ། ཨོ་ཨཱོོ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱཧཱ། ཨྃ་བཛྲ་སཏཱ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏཱ་ཏཱེ་ནོ་པ་ཏེཥྛ། ཌི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾཤྲི་ཡཾཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐ་ག་ཏཱ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ་མ་ཧཱ། ས་མ་ཡ་ས་ཏཱ་ཨཱཿ ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཏ་མ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ནི། མ་མཱ་ཀ་ཡ་ཝཱཀ་ཙིཏྟ་ཛྷཱ་ན་བཛྲ། བཛྲ་ཨ་མྲྀ་ཏ་སྭཱ་བྷ་ཝཾ་ཀུ་རུ་ཀུ་རུ་སྐན་དྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿསྭ་བྷཱ་ཝཾ་སྭཱཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་ཏཱི་མཧཱ་ཤྲ་མ་ཎཿཡེ་སྭཱཧཱ། ཞེས་བརྗོད་ཅིང་གཙུག་ཏོར་དུ་ཝཾ་ལས་བྱུང་བའི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུལ་རྫོགས་པ་གདོད་ནས་བཞུགས་པ་གསལ་བཏབ་སྟེ། དེས་གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་པས། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གདོད་ནས་བཞུགས་པ་མངོན་པར་བསམ། ཞེས་དུས་འཁོར་དང་འབྲེལ་བའི་ངག་བྱིན་བརླབ་བདུད་རྩིའི་ཟིལ་བ་ཞེས་བྱ་བ་འདི་སློབ་བུ་གྲགས་པ་རྡོ་རྗེ་ལ་མཁོ་ཕྱོར་བློ་བཟང་ཆོས་འཕེལ་བས་བསྡེབས་པའི། བཀྲ་ཤིས།



E-MAIL:jonang@sohu.com  juenang@gmail.com   蜀ICP备08109969号

版权:吉祥觉囊巴---觉囊之光网站所有

成都网站建设